原标题:【藏文专栏】班玛县2021年度党务工作者能力提升培训班圆满结束
ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཆེད། རྫོང་ཡོངས་ཀྱི་ལས་ཁུངས་དག་གི་ཏང་ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ལ་སྔར་བས་སྐུལ་འདེད་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་ལས་ཁུངས་དག་གི་ཏང་འཛུགས་སྐྱོང་གི་ཤེས་བྱ་ལ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ། ཟླ་༨་པའི་ཚེས་༡༦་ཉིན་ནས་ཚེས་༢༠་ཉིན་བར་རྫོང་ཨུད་རྩ་འཛུགས་པུས་རྫོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས“པད་མ་རྫོང་གི་༢༠༢༡་ལོའི་ལོ་འཁོར་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པའི་ནུས་པ་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ”གཉེར་བ་རེད། རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ཏང་དོན་ལས་སྒྲུབ་པ་བསྡོམས་པའི་སློབ་མ་༦༠ལྷག་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང“གཞུང་ལུགས་སློབ་ཁྲིད+ས་དངོས་ལྟ་སྦྱོང་”བཅས་རྣམ་པ་སྣ་མང་གི་གཙོ་གནད་ལ་དམིགས་ནས། ཆེད་དོན་སློབ་ཁྲིད་དང་། ཉམས་མྱོང་ངོ་སྤྲོད། ས་དངོས་རྟོག་ཞིབ་སོགས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཞུང་ལུགས་ཤེས་བྱ་དང་བསམ་བློའི་ཆབ་སྲིད་ལ་སྦྱོང་བརྡར་བྱས། གསོ་སྦྱོང་ལ་ཞུགས་པའི་ཏང་དོན་ལས་སྒྲུབ་པར་ཏང་འཛུགས་སྐྱོང་ལས་དོན་སློབ་སྦྱོང་དང་སྤེལ་རེས་བྱེད་པའི“བསམ་བློའི་གསོལ་སྟོན”ཞིག་བཤམས་ཡོད་པ་རེད།
གཞུང་ལུགས་སློབ་སྦྱོང་ལ་ཤུགས་བཏང་ནས། ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་། རང་རེའི་སློབ་གྲྭའི་ལེགས་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། གསོ་སྐྱོང་གི་བརྗོད་བྱ་གཙོ་བོར་གཞིགས་ནས་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་སྟེ། 《ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རགས་བཤད》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འབར་པའི་ལོ་བརྒྱ》《ཞི་ཅིན་ཕིང་གི་བདུན་བདུན་གསུང་བཤད་གལ་ཆེན་གྱི་དགོངས་དོན》《དམར་དམག་རྒྱང་སྐྱོད་ཀྱི་པད་མ་རྫོང་གི་གཏམ་རྒྱུད》《ཏང་འཛུགས་སྐྱོང་+པད་མའི་ཉམས་མྱོང》《སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་མཉམ་དུ་སྐྲུན》དང་། 《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གསལ་འགྲེལ》《རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་དབྱེ་ཞིབ་བྱས་ནས་མི་རིགས་མཐུན་སྒྲིལ་མངོན་འགྱུར་ཇི་ལྟར་བྱེད་དགོས་པ》བཅས་རེད།

—ལྷ་མོ་ཐར་གྱི《ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རགས་བཤད》དང་།《ཏང་འཛུགས་སྐྱོང་+པད་མའི་ཉམས་མྱོང》《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གསལ་འགྲེལ》

—འགོན་པོ་དོན་འགྲུབ།《ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འབར་པའི་ལོ་བརྒྱ》《རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་དབྱེ་ཞིབ་བྱས་ནས་མི་རིགས་མཐུན་སྒྲིལ་མངོན་འགྱུར་ཇི་ལྟར་བྱེད་དགོས་པ》

—ལི་ཅེ་ཡི《ཞི་ཅིན་ཕིང་གི་བདུན་བདུན་གསུང་བཤད་གལ་ཆེན་གྱི་དགོངས་དོན》

—གངས་དཀར་ལྷ་མོའི《དམར་དམག་རྒྱང་སྐྱོད་ཀྱི་པད་མ་རྫོང་གི་གཏམ་རྒྱུད》དང《སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་མཉམ་དུ་སྐྲུན》།

དེ་མ་ཟད་ད་ཐེངས་ཀྱི་གསོ་སྦྱོང་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བའི་ཆེད། “འགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་སུ་སྐྱོད་པའི་”ལས་ཀའི་བླང་བྱ་ལྟར། རྫོང་ཨུའི་གཞུང་ལས་ཁང་། རྫོང་ཨུའི་རྩ་འཛུགས་པུའུ། མི་དམངས་འཛུགས་གཉེར་ཁང་། མེ་གསོད་རུ་ཆེན། རྫོང་གི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་ཅུས་སོགས་ལས་ཁུངས་ཀྱི་ལས་བྱེད་པ་གདན་ཞུས་བྱས་ནས། 《ཏང་གི་རྩ་འཛུགས་འཚོ་བ་ནན་མོ་དང་ཚད་ལྡན་དུ་གཏོང་བ》དང 《ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས》 《མེ་གསོད་བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས》《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་འགྲེལ་བཤད》《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་དམངས་དོན་ཁྲིམས་གཞུང་》དང་། 《རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ། 》《ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་དང་དོ་སྣང་བྱེད་དགོས་པའི་དོན་ཚན》སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་མར་ཆེད་དོན་སློབ་ཁྲིད་བྱས་པ་རེད།

—ལི་ཏེ་ཁའེ་ཡི《ཏང་གི་རྩ་འཛུགས་འཚོ་བ་ནན་མོ་དང་ཚད་ལྡན་དུ་གཏོང་བ》

—ཧོ་ཧའོ་ཀྲུའུ།《ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་གི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས》

—དབྱང་ཀྲེན་ཞུང་གི《མེ་གསོད་བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས》

—སྟག་ཐར་གྱི་《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་འགྲེལ་བཤད》

—ཡེ་ཤེས་མེ་ཏོག《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་དམངས་དོན་ཁྲིམས་གཞུང་》

—བསོད་ནམས་དབང་རྒྱལ《རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ》

—ཝུའུ་ཀྲེང་པའོ་ཡི《ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་དང་དོ་སྣང་བྱེད་དགོས་པའི་དོན་ཚན》

ས་དངོས་སློབ་ཁྲིད་བྱས་ནས་ཏང་གཤིས་སློབ་གསོར་ཤུགས་རྒྱག་དགོས། ཟླ་༨པའི་ཚེས་༡༩ཉིན་གྱི་ཕྱི་དྲོ། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོ་རྫོང་ཨུད་ཏང་གི་སློབ་གྲྭའི་འགན་འཁུར་བའི་སྣེ་ཁྲིད་འོག་རྫོང་མི་དམངས་ཁྲིམས་ཁང་དང་རྫོང་སྒྲིག་ཨུད་ཀྱི“ཚོན་མདོག་གསུམ་ལྡན་གྱི་པན་མ”འི་རུལ་དོར་གཙང་སྤེལ་གྱི་ཉེན་ཟོན་སློབ་གསོའི་རྟེན་གཞིར་ས་གནས་ཏུ་ལྟ་སྐོར་དང་སློབ་སྦྱོང་བྱས་པ་རེད། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོ་རྫོང་མི་དམངས་ཁྲིམས་ཁང་དུ་བསྐྱོད་ནས། ཁྲིམས་ཁང་ཏང་ཀྲི་པུའུ་ཡི་ཀྲི་པུའུ་ཨུ་ཡོན་ཡོངས་ཀྱི་སྣེ་ཁྲིད་འོག་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་ལས་དོན་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་ནས། སློབ་མ་ཚོའི་ཉེ་བའི་ལོ་ཤས་རིང་མི་དམངས་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་+འདྲི་གཅོད། འདྲི་གཅོ་ལག་བསྟར། ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། རྫོང་སྒྲིག་ཨུད་ཀྱི“ཚོན་མདོག་གསུམ་ལྡན་གྱི་པན་མའི”རུལ་དོར་གཙང་སྤེལ་གྱི་ཉེན་ཟོན་སློབ་གསོའི་རྟེན་གཞིར་ས་གནས་ཀྱི་འགྲེལ་བཤད་པས་སྣེ་ཁྲིད་བྱས་པ་བརྒྱུད།སློབ་མ་ཚོས་ཉེན་ཟོན་སློབ་གསོའི་དྲིལ་བསྒྲགས་རི་མོ་དང“སྔོན་གྱི་མེ་ལོང”འགྲེམས་ཁུལ་དུ་ལྟ་སྐོར་བྱས། ཉེན་ཟོན་སློབ་གསོའི་གློག་བརྙན་ལ་བལྟས་ནས། མི་སེམས་ལ་གཡོ་འགུལ་ཐེབས་པ་དང་བསམ་བློར་སློབ་གསོ་ཐོབ་པའི་སློབ་སྦྱོང་གི་དམིགས་ཡུལ་དངོས་སུ་གྲུབ་པ་རེད།

སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་རྫོང་ཨུད་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་པད་མ་རྒྱལ་གྱིས་སློབ་མ་ཚང་མས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ནས། བསམ་བློའི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། “ཁབ”ཅིག་བྱས་ནས་“རས”ཤིག་བཟོས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་གདོང་ལེན་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས། དེ་རྗེས་སྦྱངས་འབྲས་ཚད་ལོན་གྱི་སློབ་མ་ཚང་མར་སློབ་འགྲིལ་ཡི་གེ་སྤྲད་པ་དང་འབྲེལ་དྲན་རྟེན་སྐུ་པར་རྒྱབ།



གསོ་སྦྱོང་མཇུག་འགྲིལ་རྗེས། སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པ་དང་། སློབ་ཚན་བཀོད་སྒྲིག་ཚགས་དམ་པ། སློབ་ཁྲིད་གསོན་ཉམས་དོད་པ། གྲུབ་འབྲས་ཕུན་སུམ་ཚོགས་པོ་བཅས་ཡོད་པས་ཏང་དོན་ཤེས་བྱའི་གསོག་འཇོག་ལ་ཤུགས་སྣོན་ཐེབས་པ་མ་ཟད། ལས་སྒོའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། རང་ངོས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། མ་འོངས་བར་རྫོང་ཡོངས་ཀྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཆེད་འབད་འབུངས་ཡར་བརྩོན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
责任编辑: