པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་སྟངས།

原标题:པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་སྟངས།

མིག་སྔར་རང་རྒྱལ་གྱིས་བེད་སྤྱོད་བྱེད་བཞིན་པའི་པྲོག་གསར་ནད་དུག་གི་འགོག་ཁབ་དེ་ཐེངས་ག་ཚོད་ལ་རྒྱག་དགོས། སོ་སོའི་བར་དུ་དུས་ཚོད་ག་ཚོད་འཇོག་དགོས།

ཉེ་ལམ། རང་རྒྱལ་ལ་པྲོག་གསར་ནད་དུག་གི་འགོག་སྨན་རིགས་མི་འདྲ་བ་གསུམ་ཡོད་ལ། དེ་དག་སོ་སོ་ནི་དུག་འཇོམས་འགོག་སྨན་དང་ནད་ལྡན་འགོག་སྨན། བསྐྱར་བསྒྲིགས་རིམ་གཉིས་འགོག་སྨན་བཅས་ཡིན།

དུག་འཇོམས་འགོག་སྨན་ལ་ཁབ་གཉིས་རྒྱག་དགོས་ཤིང་། འགོག་ཁབ་ཐོག་མ་དང་གཉིས་པ་གཉིས་ཀྱི་བར་དུ་གཟའ་འཁོར3དང་དེའི་ཡན་འཇོག་དགོས་ཤིང་། འགོག་ཁབ2པ་དེ་འགོག་ཁབ་དང་པོ་བརྒྱབ་རྗེས་ཀྱི་གཟའ་འཁོར8ཀྱི་ནང་ངེས་པར་རྒྱག་དགོས།

ནད་ལྡན་འགོག་སྨན་ལ་འགོག་ཁབ1དང་། བསྐྱར་བསྒྲིགས་རིམ་གཉིས་འགོག་སྨན་ལ་འགོག་ཁབ3ཡོད། ཐོག་མའི་འགོག་ཁབ་དང་འགོག་ཁབ2པའི་བར། འགོག་ཁབ2པ་ནས་འགོག་ཁབ3པའི་བར་ཐག་གཟའ་འཁོར4ཡི་ཡན་འཇོག་དགོས་ཤིང་། འགོག་ཁབ2པ་དེ་འགོག་ཁབ་དང་པོ་བརྒྱབ་རྗེས་ཀྱི་གཟའ་འཁོར8ཀྱི་ནང་ངེས་པར་རྒྱག་དགོས། འགོག་ཁབ3པ་དེ་འགོག་ཁབ་དང་པོ་བརྒྱབ་རྗེས་ཀྱི་ཟླ་བ6གི་ནང་དུ་ངེས་པར་རྒྱག་དགོས།

ད་ལྟ། རང་ཞིང་གི་འགོག་སྨན་དེ་རིམ་པ་དང་པོར་གནས་ཤིང་། དེར་ནད་འཇོམས་འགོག་སྨན་གྱི་འགོག་ཁབ་གཉིས་རྒྱག་དགོས།

转自:青海藏文法制报

责任编辑:

Thenews.cc